远方的贵人 - 热西才让旦སྙིང་ཉེ་བའི་རྒྱང་རིང་མགྲོན་པོ་ལགས། ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།ལྷུན་སྟུག་གངས་རིས་ཁྱེད་ལ་སྤོབས་པ་སྩོལ། དྭངས་གསལ་གཙང་པོས་ཁྱེད་ཀྱི་སྐོམ་གདུང་སེལ།རྩ་ཐང་ཡངས་པོས་ཁྱེད་ལ་བློ་རྒྱ་སྐྱེད། རྟ་ནོར་ལུག་གིས་ཁྱེད་ལ་འབྱོར་ཕྱུག་སྩོལ།ཕེབས་ཤོག ཕེབས་ཤོག རྒྱང་རིང་མགྲོན་པོ་ལགས།ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།སྙིང་ཉེ་བའི་རྒྱང་རིང་མགྲོན་པོ་ལགས། ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།ལྷ་རྫས་ཁ་བཏགས་ཁྱེད་ཀྱི་མགུལ་བར་སྒྲོན། ཞིམ་མངར་འོ་ཇས་ཁྱེད་སེམས་དྲོད་འཇམ་བསྐྱལ།དུང་བའི་གཏམ་གྱིས་ཁྱེད་ལ་སྤྲོ་སྣང་འཕེལ། སྙན་པའི་གླུ་ཡིས་ཁྱེད་ཀྱི་སྙན་དབང་གསོ།ཕེབས་ཤོག ཕེབས་ཤོག རྒྱང་རིང་མགྲོན་པོ་ལགས།ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།སྙིང་ཉེ་བའི་རྒྱང་རིང་མགྲོན་པོ་ལགས། ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།ལྷ་རྫས་ཁ་བཏགས་ཁྱེད་ཀྱི་མགུལ་བར་སྒྲོན། ཞིམ་མངར་འོ་ཇས་ཁྱེད་སེམས་དྲོད་འཇམ་བསྐྱལ།དུང་བའི་གཏམ་གྱིས་ཁྱེད་ལ་སྤྲོ་སྣང་འཕེལ། སྙན་པའི་གླུ་ཡིས་ཁྱེད་ཀྱི་སྙན་དབང་གསོ།ཕེབས་ཤོག ཕེབས་ཤོག རྒྱང་རིང་མགྲོན་པོ་ལགས།ངེད་གངས་ལྗོངས་ཡུལ་ལ་ལྟད་མོ་ཕེབས།编辑于2021/04/18更新